༼ཀླུ་བུམ༽
༆ ཀླུ་བུམ་འདི་ནི་ སྔོན་བྱོན་རྒྱལ་བ་དགོངས་མའི་ཕྱག་བཞེས་དང་ ལག་ལེན་ཚད་ལྡན་ལྟར་ཐོག་ ཀླུའི་བུམ་པ་འདི་ནང་གཟུགས་བཞུགས་རྒྱུ་སྨན་སྣ་ལས་སྒྲུབ་པའི་ཀླུ་རྒྱལ་ཕོ་མོ་གཉིས་ཀྱི་སྐུ་དང་ ཀླུ་ལ་མཁོ་བའི་སྨན་སྣ་དང་རིན་ཆེན་སྣ་ལྔའི་གཙོས་རྫས་རིགས་མ་ཚང་བ་མེད་པར་བསྡུས་ཡོད་ས་ ༧སྐྱབས་རྗེ་ཀཿཐོག་སི་ཏུ་རིན་པོ་ཆེ་མཆོག་ནས་རབ་གནས་གང་ཟབ་གནང་གྲུབ་ཡོད་བསྟུན། དད་ལྡན་འཆང་བ་པོ་རྣམས་ལ་ཕན་ཡོན་ཀྱང་ ཀླུ་རིགས་ས་བདག་དང་འབྲེལ་བའི་མཐོང་དུག་རུག་དུག་བསམ་དུག་ཁ་རླངས་དུག མཛེ་ནད་དང་ཤུ་བ་ལ་སོགས་པ་ཀླུ་རིགས་ཀྱིཧ་གནོད་པ་ཞི་བར་གྱུར་བ་དང་ ཀླུ་དང་ས་བདག་རྣམས་ལ་མཁོ་བའི་རྫས་དང་སྨན་གྱིས་མཆོད་པས ཀླུའི་དངོས་གྲུབ་ཐམས་ཅད་རང་ལ་ཐོབ་པ་དང་ ཚེ་རིང་ནད་མེད་པ་ དབང་ཐག་དང་འབྲུ་ནོར་ལོངས་སྤྱོད་མཛད་མེད་པའི་འཕེལ་བ ཡིད་ལ་ཅི་བཤམ་པའི་དོན་ཀུན་ཐོག་མེད་འགྲུབ་པར་འགྱུར་བ་སོགས་ཕན་ཡོན་ཤིན་ཏུ་ཆེ་བས་ན་ དེ་བཞིན་ཐུགས་མངའ་འཚལ།
Soil Fertility Vase
The Naga vase (Lubum) is being constructed in very much keeping with the experiences of ancient tradition and custom, our fore bearers. As a sacred object inside, we have placed statue of two naga King and Queen purely made of medical substance. Varieties of essential medical herbs, five precious gems and others without leaving any of the ingredients deficient, the vase is filled to the brim. This vase has been consecrated by His Holiness Kathok Situ Rinpoche with empowerment of great blessing.
However possessing this Vase, one holds a merit to detoxify for principle naga poisons (poisons contacted through seeing, bodily contact, thought and breathing), and contacting of leprosy and other naga related problems could be averted to great extend.
In propitiating Nagas and local spirits by offering essential medical substances, it is believed we will be receiving naga blessings such as longevity to life-span, disease free enhancement fortune and prosperity and old wish fulfilling. As such, one and all may take note of special significances.
༼ས་བཅུད་བུམ་པ༽
༆ དེ་ཡང་ བཀའ་གཏེར་སྤྱིའི་ལུགས་ལྟར་བཟོས་པའི་ས་བཅུད་བུམ་པ་འདི་ནི་ ཞིང་བཤེགས་དམ་པ་ ༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་དང་ དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ གཞན་ཡང་ད་ལྟ་འཚོ་ཞིང་བཞེས་པའི་སྐྱེས་ཆེན་རྣམས་ཀྱི་ཕྱག་ནས་བརྒྱུད་པའི་དམ་རྫས་སེལ་མེད་ ཞགན་ཡང་ས་བཅུད་བུམ་པར་ཉེ་བར་མཁོ་བའི་རྫས་རིག་མ་ཚང་མ་མེད་པར་ལག་ལེན་ཚད་ལྡན་ཐོག་བཟོས་པ་ཡིན་ཞིང་། ༧སྐྱབས་རྗེ་ཀཿཐོག་སི་ཏུ་རིན་པོ་ཆེ་མཆོག་ནས་རབ་གནས་ཕུལ་ཕྱིན་གནང་གྲུབ་པ་ཡིན་པས ས་བཅུད་བུམ་པ་གང་དུ་ཡོད་པའི་ཕྱོགས་དེར་ ས་བདག་འཁྲུགས་པ་རྣམས་མི་འབྱུང་བ་དང་ ས་རུད་དང་ཆུ་རུད་ཀྱི་འཇིག་པ་འགོག་པ་ ཁང་ཁྱིམ་ནང་དུ་བཀྲིས་བྱིན་ཆགས་པ་སྣོད་བཅུད་ཀྱི་དཔལ་འབྱོར་བདེ་ལེགས་ཐམས་ཅད་འདུ་ཞིང་རྒྱས་པར་གྱུར་བ་སོགས་ཕན་རླབས་ཤིན་ཏུ་ཆེ་བས་དེ་ལུགས་ཐུགས་འཇག་གནང་བར་ཞུ།
Soil Fertility Vase
This Vase has been produced in Keeping with the general instruction from the Kater and it contains Damzey (sacred rare precious substances) directly handed down by His Holiness the late Dujom Rinpoche, Dilgo Khyentse Rinpoche and other living luminaries. It also contains all the varieties of essential substances mandatory required soil Fertility Vase and has been prepared perfectly in accordance without defict of any essential ingredients.
On completing the construction of the Vase, His Holiness Kathok Situ Rinpoche conducted extensive consecration and empowerment ceremonies. Hence, whenever the Vase is placed, it has the potential to pacify angry local spirits, prevent landslides and floods, if placed inside house can bring aura of peace, prosperity and ecological richness to the surrounding area.
Realizing those benefits, all may kindly take note of this significance in your mind.
གཡང་བུམ
༆ གཡང་གི་བུམ་པ་འདི་ གཡང་རྫས་ལ་མཁོ་བའི་རྫས་རིགས་སྣ་བསྡུས གཞན་ཡང་རྒྱལ་ཁབ་ཅིག་བརྒྱ་ལྷག་ནས་བསྡུས་པའི་གནས་ཆེན་ཁང་གི་ས་སྣ་དང་ཆུ་སྣ་ཤིང་སྣ་ཚོགས་ཀྱི་རིལ་བུ་དང་ སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ནས་བརྒྱུད་པའི་གཡང་རྫས་རིལ་བུ་བཅས་བསྡུས་སྒྲུབ་དང་ལག་ལེན་ཁུངས་ལྡན་ཐོག་བཟོས་སྒྲུབ་བགྱིས་པ་ལགས་ཤིང། ༧སྐྱབས་རྗེ་ཀཿཐོག་སི་ཏུ་རིན་པོ་ཆེ་མཆོག་ནས་རབ་གནས་ཕུལ་ཕྱིན་གནང་གྲུབ་ཕ་ཡིན་པས ས་བཅུད་བུམ་པ་གང་དུ་ཡོད་པའི་ཕྱོགས་དེར་ ས་བདག་འཁྲུགས་པ་རྣམས་མི་འབྱུང་བ་དང་ ས་རུད་དང་ཆུ་རུད་ཀྱི་འཇིགས་པ་འགོག་པ་ ཁང་ཁྱིམ་ནང་དུ་བཀྲིས་བྱིན་ཆགས་པ་ སྣོད་བཅུད་ཀྱི་དཔལའབྱོར་བེ་ལེགས་ཐམས་ཅད་འདུ་ཞིང་རྒྱས་པར་གྱུར་བ་སོགས་ཕན་རླབས་ཤིན་ཏུ་ཆེ་བས་དེ་ལུགས་ཐུགས་འཇགས་བར་ཞུ།
Yangbum – Vase of prosperity
Treasure Vase (Yangbum) contains numerous essential substance such as precious soils, minerals and herbs collected from many holy sites located in more than hundred countries, apart from numerous precious substance handed down personally by highly realized sublime begins to be filled in the Yangbum. This Yangbum is thus a sacred object to be used meaningfully.
Further, His Holiness Kathok Situ Rinpoche has consecrated the Yangbum with empowerment rituals to invoke great blessings, Therefore, rich benefits of Yangbum are as follows:
1) It can replenish declining wellbeing, proseperity and abundance;
2) Overcome famine, war and sickness;
3) Fulfill wishes without obstacle;
4) Strength lifespan and fortune of all just like the waxing of the moon.
As such, one and all may take note of the significance accordingly.
ཚེ་སྲུང
༄༄། །ཚེ་སྲུང་གའུ་གྱི་ཕན་ཡོན། དད་དང་དོན་གཉེར་ལྡན་པ་རྣམས་ལ་ཞུ་རྒྱུར། ཇི་སྐད་དུ་ འགྲོ་བ་སྲོག་ལས་གཅེས་པ་ནི། །འགའ་ཡང་ཡོད་པ་མ་ཡིན་ནོ། ཞེས་གསུང་པ་ལྟར སྐྱེ་འགྲོ་སུ་འདྲ་ཞིག་ཡིན་རུང་སྲོག་ལ་མི་གཅེས་པ་ནི་སུ་ཡང་མེད་པའི་ཕྱིར་ན་ ཧྲོག་སྲུང་བ་དང་ཚེ་རིང་བི་ཐབས་ལ་མཁས་དགོས་པ་ནི་ཤིན་ཏུ་གལ་ཆེ། དེ་ཡང་རྒྱལ་བ་ཐམས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པས་ན་ཚོའི་བར་ཆད་སེལ་ཞིང་ཚེ་ཡུན་དུ་བརྟན་པའི་ཐབས་ལ་རྫས་སྔགས་ཏིང་ངེ་འཛིན་རིམ་པ་མང་དུ་གསུང་པ་ལས། ཨྱོན་སངས་རྒྱས་གཉིས་པ་ཉིད་འཆི་མེད་རྡོེ་སྐུ་མངོན་སུམ་དུ་བརྙེས་ཏེ་མ་འོང་འགྲོ་བའི་དོན་དུ་འཆི་མེད་ཚེའི་རྫས་བསམ་གྱི་མི་ཁྱབ་པ་གཏེར་དུ་སྦས་པར་མཛད་པ་རྣམས་དུས་བབས་ཀྱི་གཏེར་སྟོན་རྣམས་ཀྱིས་གཏེར་ནས་བཞེས་ཤིང་འགྲོ་དོན་མཛད་པའི་རྒྱུན་བར་ཆད་པ ༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱག་རྒྱུན་ཚེ་རྫས་དང་། ༧སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ་རིན་པོའི་ཕྱག་རྒྱུན་ཚེ་རིལ་བྱིན་གྱི་ཕབ་གཏའ་དང་ གཞན་འང་ཚེའི་དམ་རྫས་བརྒྱ་ཕྲག་ལྷག་ཙམ་དང་འཛམ་གླིང་གནས་ཆེན་རྣམས་ཀྱི་ཚེ་ཆུ་སྣ་བསྡུས་བཅས་མཐོང་བ་བརྒྱུད་ཕའི་ཕྱག་བཞེས་ཚུལ་བཞིད་དུ་ཚེ་རིལ་དང་རྒྱུ་དམ་རྫས་ལས་བསྒྲུབ་པའི་འཆི་མེད་མགོན་པོ་ཚེ་དཔག་མེད་ཀྱི་སྐུ་ཚེའི་གའུ་ནང་གི་བརྟེན་དུ་བཞུགས་སུ་གསོལ་བ་འདི་བཞིན་ ༧སྐྱབས་རྗེ་ཀཿཐོག་སི་ཏུ་རིན་པོ་ཆེ་དབུ་བཞུགས་ཀྱིས་རིག་འཛིན་འདུས་པའི་ཚེ་སྒྲུབ་བདུད་རྩི་བུམ་བཅུད་ཀྱི་སྒོ་ནས་གནད་སྨིན་དུ་བསྒྲུབས་པ་ལགས་ཤིང་། ཚེ་རིལ་དང་གའུ་འདི་ནི་རིག་འཛིན་བརྒྱུད་པ་དང་བཅས་པའི་ཐུགས་རྗེ་ལས་ཤར་བའི་ཕྲིན་ལས་ཀྱི་རང་གཟུགས་འབྱུང་ལྔའི་དྭངས་མ་བཅུད་དུ་བསྡུས་པ་ཡིན་པས། གའུ་འདི་ཉིད་མགུལ་དུ་བཏགས་པ་ཙམ་གྱི་རང་གི་ཚེ་མི་ཉམས་པར་སྲུང་བ་དང་ ནང་གི་འབྱུང་བ་ལྔ་ཉམས་པ་སོར་ཆུད་མི་ཉམས་པ་གོང་དུ་འཕེལ་ཏེ་ ཚེ་ཡུན་དུ་བརྟན་པར་འགྱུར་བ་དང་། སངས་རྒྱས་རྣམས་ཀྱི་སྲས་སུ་དགོངས་ནས་བྱིན་གྱི་བརློབ། དཔའ་བོ་མཁའ་འགྲོས་སྤུན་དུ་དགོངས་ནས་ཕྲིན་ལས་བསྒྲུབ། ཆོས་སྐྱོང་སྲུང་མས་གྲོགས་སུ་དགོངས་ནས་བར་ཆད་སེལ། དེ་དག་ལ་བརྟེན་ནས་ཚེ་འདིར་ལེགས་རྒུའི་རྟེན་འབྲེལ་བཟང་ཕྱོགས་སུ་འགྲིགས་ནས་རྣམ་དཀར་གྱི་བྱ་བ་ཡར་ངའོ་ཟླ་ལྟར་འཕེལ་ཞིང་རང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་ནུས་པ་ཡིན་པས་དེ་ལུགས་ཐུགས་ལ་འཇགས་པར་ཞུ། ཀཿཐོག་འོད་གསལ་བསམ་གཏན་གླིང་དགོན་སྡེ། སྦས་གླང་བྲག།
Life Amulet
A note for the devout and zealous followers. It is said: There is no matter dearer to the sentient beings than their own life. Since there is no one who doesn’t take care of his or her own life, it is very important to have knowledge on methods to protect and prolong one’s life. Skillfull and compassionate Buddha taught many methods of dispelling obstacles of life and prolonging it such as through substance, mantra and samdhi. Moreover, the second Buddha Padmasambhava concealed infinite immortal substance as treasure for the sake of sentient beings after attaining himself the Immortal Vajra Body. And it is being practiced by realize masters in an unbroken lineage such as preparation of life substance, a practice of His Holiness Dujom Rinpoche, and ingredients of scared life pill of His Holiness Jadrel Rinpoche. There is also a practice of making an amulet of Buddha Amitayus with hundreds of sacred substances, collection of life water from sacred places whole over the world, and life pills. Likewise, these life pills and life amulets are prepared through longevity sadhana (ceremony to achieve longevity) of Gather- emanated from the compassion of vidyadharas and their lineages. By merely wearing these amulets, one’s life will be protected. It will revitalize one’s five inner elements and develop them, thus prolonging the lifespan. One will be blessed by Buddhas considering their son; Dakinis will support considering their brother; deities; and dharma protectors will dispel obstacles considering friend; and as a result one’s virtious deeds will increase like a waxing moon and great achievements for self and others. We request you to bear this in your mind. Kathok Yosel Samtenling Monastery, Belangdra, Wangduephodrang.
སྤོས
༄༄། རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་ལ དྲི་ཞིམ་སྤོས་ཀྱིས་མཆོད་པའི་སྒོ་ནས་རང་རྒྱུད་ལ་ཚོགས་གཉིས་རླབས་པོ་ཆེ་མྱུར་དུ་རྫོགས་པའི་ཐབས་ཟབ་མོ༼དུག་སྤོས་ཚོགས་གཉིས་སྤྲིན་ཕུང་༽ ཞེས་པ་འདི་བཞིན སྔོན་འབྱོན་གསར་རྙིང་གི་བླ་མ་དམ་པ་རྣམས་ཀྱི་ཕྱག་བཞེས་དང་མཐུན་པར་ ལྷན་སྐྱེས་དང་སྦྱར་བྱུང་གི་རྫས་སྣ་ཕུན་སུམ་ཚོགས་ཤིང་ལག་ལེན་གཙང་སྦྲ་དང་ལྡན་པའི་ཐོག་ནས་ ཨྱོན་པདྨས་བྱིན་གྱིས་རླབས་པའི་གནས་སྦས་ཡུལ་གླང་བྲག་ཀཿཐོག་འོག་གསལ་བསམ་གཏན་གླིང་གི་སློབ་གྲྭའི་ཆ་རྐྱེན་དུ་དམིགས་ཏེ་སྦྱར་བ་དགེའོ།
Incense
This blend incense, “The Cloud of Merit Wind Wisdom”, is a wonderful technique to accumulate merit through the act of offering fragrant incense to the Buddhas and sublime deities. It is made using natural and concocted ingredients in a hygienic and pure process according to the ancient wisdom of Buddhist tradition. It is produced in Beyul Langdra, the hidden land blessed by Padmasambhava, in order to support the spiritual, Dharma Centre, Bhutan. Kathok Yosel Samtenling Dharma Centre Bhutan.